ཆེས་མཐོའི་ཁྲིམས་ཁང་གི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལས། ཐོ་བཀོད་དོན་གནད་རྣམས་བརྟན་ཚུགས་རྒྱུ་ནོར་གྱི་ཐོ་ཁོངས་སུ་འཁོད་ཡོད་ཀྱང་བདག་ཁོངས་ལག་ཁྱེར་ད་དུང་སྤྲད་མེད་པའི་ཁང་པར་ཁྲིམས་ནུས་ཐོན་སྐོར།
最高法会议纪要:房屋登记事项记载于不动产登记簿,但尚未颁发权属证书,产生法律效力
ཧྥང་ཅི་ཅིག་དང་ཤེ་མི་མིག་གི་གྱོད་འབྲེལ་ཁང་པ་བཤུག་འཚོང་བྱས་པ་རྩིས་མེད་ཡིན་ཅེས་ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་བཟོས་པ་རེད།
广州市中级人民法院作出民事判决,确认黄某、谢某转让涉案房屋无效。
2014ལོའི་ཟླ་9ཚེས་9ཉིན། ཙིང་ཅི་ཅིག་ཀོང་ཀྲུའུ་གྲོང་ཁྱེར་ཁང་པ་དོ་དམ་ཅུད་ཧྥ་ཏོའུ་ཡན་ལག་ཅུད་དུ་འབྱོར་ནས་ཁང་པ་དེའི་
《ཁང་སའི་བདག་དབང་ཐོ་འགོད་ཞིབ་བཤེར་རེའུ་མིག་》བསྐྱར་དཔར་འདྲི་རྟོག་བྱས་ཤིང་། རེའུ་མིག་གི་ཐོག་ཏུ་ཐོ་བཀོད་ཨང་གྲངས་དང་ས་ཆའི་ཨང་གྲངས་འཁོད་ཡོད།ཡིག་ཚགས་ཨང་གྲངས་སྟོང་པར་ལུས་ཡོད། བདག་ཁོངས་ནི་ཙིང་ཅི་ཅིག་དང་། བདག་དབང་ལག་ཁྱེར་ཨང་གྲངས་༢༧༠པ། བདག་དབང་ཐོབ་ཁུངས་གསལ་བཤད་དུ་ཤེ་མི་མིག་ནས་ཉོས་པ། ཐོ་བཀོད་དུས་ཚོད་ནི་ 2010ལོའི་ཟླ་9ཚེས་13ཡིན་པ། དཔྱ་ཁྲལ་འཇལ་ཟིན་པ། ཟུར་མཆན་སྟོང་པར་བཞག་པ་བཅས་འཁོད་ཡོད།
2014年9月9日,曾某到广州市房管局花都分局查询打印该房屋的《房地产登记簿查册表》,表上记载了登记字号和地号,档案号栏空白,权属人为曾某,产权证号为270号,权属来源说明为2010年向谢某购买,登记日期为2010年9月13日,是否纳税为已纳税,备注栏空白。
དབིན་ཅི་ཅིག་གིས་གཏུག་བཤེར་ཕུལ་ནས་ཀོང་ཀྲུའུ་གྲོང་ཁྱེར་ཁང་པ་དོ་དམ་ཅུད་ཀྱིས་ཧྥང་ཅི་ཅིག་དང་ཤེ་མི་མིག་གཉིས་ལ་ཁང་བདག་སྤོ་སྒྱུར་ཀྱི་ཐོ་འགོད་བྱས་པ་ཁྲིམས་འགལ་ཡིན་ཚུལ་དང་ཁང་པའི་བདག་དབང་ལག་ཁྱེར་ཨང་༤༠༣པ་རྩིས་མེད་གཏོང་དགོས་པའི་རེ་འདུན་ཞུས་པ་རེད། ཀོང་ཀྲུའུ་གྲོང་ཁྱེར་ཧྥ་ཏོའུ་ཆུས་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་དཔྱད་ཁྲར་ངོས་འཛིན་གནང་གསལ། གྱོད་འབྲེལ་ཁང་པ་དེ་ཉིད་ཙིང་ཅི་ཅིག་གི་མིང་ཞབས་སུ་སྤོ་སྒྱུར་ཐོ་འགོད་བྱས་ཟིན་ཅིང་། ཙིང་ཅི་ཅིག་ལ་གྱོད་འབྲེལ་ཁང་པའི་བདག་དབང་ཐོབ་ཟིན་པ་ཡིན་སྟབས། ཀོང་ཀྲུའུ་གྲོང་ཁྱེར་ཁང་པ་དོ་དམ་ཅུད་ཀྱིས་ཧྥང་ཅི་ཅིག་དང་ཤེ་མི་མིག་གཉིས་ལ་ཁང་བདག་སྤོ་སྒྱུར་ཀྱི་ཐོ་འགོད་བྱས་པ་དེ་ཉིད་ཁྲིམས་འགལ་ཡིན་པའི་ངོས་འཛིན་གནང་རུང་། ཤེ་མི་མིག་གི་ཁང་པའི་བདག་དབང་ལག་ཁྱེར་ཨང་༤༠༣པ་རྩིས་མེད་གཏོང་དགོས་སྐོར་གྱི་དབིན་ཅི་ཅིག་གི་གཏུག་བཤེར་རེ་འདུན་ཕྱིར་སློག་བྱས་པ་རེད། དབིན་ཅི་ཅིག་དང་ཀོང་ཀྲུའུ་གྲོང་ཁྱེར་ཁང་པ་དོ་དམ་ཅུད་བཅས་བློ་བབ་མ་བྱུང་ནས་གོང་གཏུག་ཕུལ།
温某提起诉讼,请求确认广州市房管局为黄某、谢某办理房屋转移登记违法,撤销403号房产证。广州市花都区人民法院行政判决认为,涉案房屋已经转移登记至曾某名下,曾某已经善意取得涉案房屋,判决确认广州市房管局为黄某、谢某办理涉案房屋转移登记违法,驳回温某要求撤销谢某的403号房产证的诉讼请求。温某、广州市房管局不服,提出上诉。
ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་དཔྱད་མཚམས་ཀྱིས་ངོས་འཛིན་གནང་གསལ། ཙིང་ཅི་ཅིག་ལ་ཁང་པའི་བདག་ཁོངས་ལག་ཁྱེར་ད་དུང་བླང་མེད་པ་དང་། ཤེ་མི་མིག་དང་ཙིང་ཅི་ཅིག་གི་ཁང་པའི་བདག་དབང་སྤོ་སྒྱུར་གྱི་ཐོ་འགོད་འགྲོ་ལུགས་ཀྱང་ཁྲིམས་ནུས་ཐོན་མེད། དེར་བརྟེན་ཙིང་ཅི་ཅིག་ལ་གྱོད་འབྲེལ་ཁང་པའི་བདག་ཐོབ་མེད་པར་བསྙད་དེ་སྔར་ཡོད་དཔྱད་མཚམས་རྩིས་མེད་ཡིན་པའི་དཔྱད་ཁྲ་རྒྱུགས་པ་རེད། ཙིང་ཅི་ཅིག་དང་ཤེ་མི་མིག་བློ་བབ་མ་བྱུང་ནས་བསྐྱར་བཤེར་བྱེད་དགོས་པའི་རེ་འདུན་ཕུལ།
广州市中级人民法院行政判决认为,曾某尚未取得房屋权属证书,谢某与曾某申请办理的房屋转移登记尚未生效,以曾某未善意取得涉案房屋为由,判决撤销原判;撤销谢某的403号房产证。曾某、谢某不服,申请再审。
ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དེ་སྔའི་བཤེར་རིམ་དང་པོའི་སྲིད་འཛིན་དཔྱད་མཚམས་སོར་འཇོག་བྱེད་དགོས་པའི་དཔྱད་ཁྲ་རྒྱུགས།
广州市中级人民法院作出判决,维持原一审行政判决。
ཙིང་ཅི་ཅིག་གིས་བསྐྱར་གཅོད་ཞུ་གཏུག་ཕུལ་ཡང་ཀོང་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ལྟ་སྐུལ་རེ་འདུན་ལ་རྒྱབ་སྐྱོར་མི་བྱེད་པའི་ཆོད་དོན་བཟོས།
曾某申请抗诉,广东省人民检察院作出不支持监督申请决定。
ཙིང་ཅི་ཅིག་བློ་བབ་མ་བྱུང་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་ཕུལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་༢༠༡༨ལོའི་ཟླ་༡༠ཚེས་༡༥ཉིན་སྲིད་འཛིན་བཅད་ཁྲ་རྒྱུགས་ནས་གྱོད་གཞི་དེ་ཉིད་འདྲི་བཤེར་བྱས་པ་མ་ཟད། ༢༠༡༨ལོའི་ཟླ་༡༡ཚེས་༡ཉིན་སྲིད་འཛིན་དཔྱད་མཚམས་བཟོས་ནས། ཀོང་ཀྲུའུ་གྲོང་ཁྱེར་ཁང་པ་དོ་དམ་ཅུད་ཀྱིས་ཧྥང་ཅི་ཅིག་དང་ཤེ་མི་མིག་གཉིས་ལ་གྱོད་འབྲེལ་ཁང་པའི་བདག་དབང་སྤོ་སྒྱུར་ཐོ་འགོད་བྱས་པ་ཡང་ཁྲིམས་འགལ་ཡིན་པའི་ངོས་འཛིན་གནང་བ་རེད།
曾某仍不服,向最高人民法院申诉。最高人民法院于2018年10月15日作出行政裁定,提审本案,并于2018年11月1日作出行政判决,确认广州市房管局为黄某、谢某办理涉案房屋转移登记违法。
བརྟན་ཚུགས་རྒྱུ་ནོར་གྱི་ཐོ་ཁོངས་སུ་ཐོ་དོན་འཁོད་ཡོད་ཀྱང་བདག་ཁོངས་ལག་ཁྱེར་ད་དུང་སྤྲད་མེད་པའི་ཁང་པར་ཁྲིམས་ནུས་འཐོན་ནམ་ཞེ་ན། ཐོ་འགོད་བྱེད་པའི་དགོས་པ་དངོས་ནི་སྲིད་གཞུང་གི་ཡིད་རྟོན་སྙན་གྲགས་དང་འབྲེལ་ཞིང་། བརྟན་ཚུགས་རྒྱུ་ནོར་གྱི་བདག་དབང་གཏོགས་ཁོངས་སྤྱི་བསྒྲགས་བྱས་པས་སྤྱི་ཚོགས་ཀྱི་ཉོ་ཚོང་སྟབས་བདེ་དང་། ཉོ་ཚོང་གནས་ཐང་ཉུང་འཕྲི། ཉོ་ཚོང་བདེ་འཇགས་འགན་སྲུང་བཅས་འབྱུང་གི་ཡོད།ཐོ་བཀོད་དོན་གནད་ཐོ་ཡིག་འགོད་རྒྱུ་འདིས་སྤྱི་ཚོགས་ཀྱི་ཁོངས་མིས་འདྲི་རྟོག་བྱེད་བདེ་བ་དང་། ཐོ་བཀོད་དོན་གནད་ལ་སྤྱི་བསྒྲགས་ཀྱི་ནུས་པ་འཐོན་པ། སྤྱི་ཚོགས་ཁོངས་མི་ཡོངས་ཀྱིས་དེར་ཡིད་ཆེས་འཐོབ་པ་བཅས་འབྱུང་གི་རེད། བདག་ཁོངས་ལག་ཁྱེར་ནི་བརྟན་ཚུཊ་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་བདག་དབང་ཅན་དང་ཕུང་གསུམ་པའི་དབར་ཉོ་ཚོང་སྟབས་བདེ་ཡོང་ཕྱིར་བདག་དབང་ཅན་ལ་སྤྲད་པའི་གཏན་འཁེལ་རང་བཞིན་གྱི་དཔང་ཡིག་ཅིག་ཡིན་མོད། ཐོ་འགོད་སྦུག་དེབ་ལྟ་བུའི་སྤྱི་བསྒྲགས་ཀྱི་ནུས་པ་ལྡན་མི་སྲིད། དེར་བརྟེན་ཐོ་བཀོད་དོན་གནད་རྣམས་གལ་སྲིད་བརྟན་ཚུགས་རྒྱུ་ནོར་ཐོ་འགོད་སྦུག་དེབ་ཏུ་ཐོ་འགོད་བྱས་ཟིན་ཚེ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པ་ཡིན། བདག་ཁོངས་ལག་ཁྱེར་སྤྲད་ཡོད་མེད་གང་གིས་ཀྱང་ཁང་པ་ཐོ་བཀོད་ཀྱི་ཁྲིམས་ནུས་འཐོན་པར་ཤུགས་རྐྱེན་ཐེབས་མི་སྲིད།
房屋登记事项记载于不动产登记簿,但尚未颁发权属证书,是否产生法律效力。登记的功能在于以政府的公信,对不动产物权的归属进行公示,便于社会交易,确保交易安全,减少交易成本。登记事项记载于登记簿,社会公众即可查询,登记事项就产生公示效果,社会公众就会对此产生信赖。而权属证书是不动产登记机构为便于权利人与第三人交易,而向权利人颁发的确认性凭证,不能产生登记簿那样对世的公示效果。故登记事项一旦记载于不动产登记簿,便产生法律效力,是否颁发权属证书并不影响房屋登记产生法律效力。
文章来源:拉姆说法
原创文章,作者:SYMXLY,如若转载,请注明出处:https://www.beidanyezhu.com/a/18763.html